Rinpoche begins a tour of Asia in Japan giving talks and having meetings.
Good bye Japan. Be happy and healthy if you can’t help others maybe ok but don’t harm others. See you soon.
ཉི་འོང་རྒྱལ་ཁབ་ཆེན་པོར།།
ཉིན་མ་བཅུ་བཞིའི་ནང་ལ།།
དེང་རབས་མཚམས་པའི་ནང་ཆོས།།
གཏམ་བཤད་རིམ་པར་སྤེལ་ཡིན།།
དོན་གཉེན་ཅན་གྱི་མཁན་གྲྭ།
དེ་བཞིན་ནང་ཆོས་སློབ་མཁན།།
ཚོང་དོན་མཁས་ལས་ཅན་རྣམས།།
ཐུགས་ལ་བབ་པ་བྱུང་སོང་།།
ཕྲན་པ་ཉི་འོང་བསྐོར་ནས།།
ས་གཡོས་ཕན་པ་མེད་མེད་ཀྱང་།།
ལས་སྐལ་ཅན་གྱི་མི་སྣར།།
ཅུང་ཙམ་ཕན་པ་བྱུང་རེ།།
ནང་བསྟན་རྒྱ་ཆེར་དར་བའི།།
གླིང་ཕྲན་ཕྱུག་པོ་འདི་ན།།
རྒྱལ་བསྟན་གུད་པ་མཐོང་དུས།།
སེམས་པ་སྐྱོ་བ་བྱུང་སོང་།།
དུས་རབས་འདི་འདྲ་སླེབས་དུས།།
ཐེག་པ་ཆེ་ཆུང་དབྱེ་བ།།
བཤད་ནས་སྡོད་པས་ཅིས་ཕན།།
དེ་བས་མཉམ་རུབ་མཛད་དང་།།
དེང་རབས་འཕྲུལ་ལས་མཁས་ཅན།།
ཉི་འོང་ལུང་པར་ཡོད་ཀྱང་།།
མི་ཡི་འདོད་པའི་བདེ་བ།།
སུས་ཀྱང་གྲུབ་སྐད་མི་འདུག།
བདེན་བཞི་བསླང་དོར་བསྟན་པའི།།
དམ་ཆོས་ཉམས་ལེན་འབུངས་ན།།
ཕྱི་ཡི་དངོས་པོ་བས་ཀྱང་།།
ལྡབ་ཀྱིས་བདེ་སྐྱིད་ལོས་ཡོང་།།
མདོར་ན་རྒྱལ་བསྟན་དྭང་མ།།
ཐེག་པ་ཆེ་ཆུང་གང་ཡང་།།
མི་ཉམས་གོང་འཕེལ་གྱུར་ནས།།
ཉི་འོང་བདེ་སྐྱིད་རོལ་ཤོག།
ད་རེར་འགྲོ་འོང་བྱས་པར།།
ཧ་ཀུ་ཧོ་གྱི་མཚོན་པའི།།
སྦྱིན་བདག་ཆེ་ཆུང་ཐམས་ཅད།།
དགེ་འབྲས་དུས་སུ་སྨིན་ཤོག།
སླེ་ལུང་པས་ཉི་འོང་ཧ་ནི་ཏ་གནམ་ཐང་དུ་དེ་མར་སྤེལ།
ཉི་འོང་སྐུ་ཚབ་དོན་གཅོད་ཁང་གསར་པའི་ནང་སྐུ་ངོ་ལུང་རྟོགས་མཆོག་ལ་མཚམས་འདྲི་བཅར་བ་ཡིན། མཛད་འབྲེལ་གྱིས་མི་ལྕོག་པ་འདྲ་འདུག་དེ་བཀའ་མོལ་ལྷུག་པོར་གནང་བར་སྙིང་ནས་དགའ་ཚོར་ཆེ། ཡར་རྒྱས་གོང་འཕེལ་གྱི་སྨོན་ལམ་ཞུ། visiting new office of Tibet House in Tokyo Japan and representative of His Holiness the Dailai Lama. Although he was so busy with work, spent much time to welcome. I pray for the success of the office and KuNyo la.
Meeting with Lori Henderson MBE at the British Chamber of Commerce in Japan. Introducing the Shide-Peace project to bring peace in the UK and rest of the world. www.shide-peace.org ཉི་འོང་ལ་དབྱིན་ཇི་གཞུང་གི་ཚོང་ལས་སྡེ་ཚན་གྱི་འགན་འཛིན་ལྕམ་ལོ་རི་ལགས་ཐུག་ཕྲད་དང་དབྱིན་ཡུལ་དུ་ང་ཚོའི་ལས་འཆར་ཞི་བདེ་ངོ་སྤྲོད་བྱས་པ་ཡིན། ལས་དོན་འདི་ནི་དབྱིན་ཡུལ་དང་འཛམ་གླིང་ཞི་བདེ་གྱི་ཆེད་དུ་དམིགས་པ་ཞིག་རེད།
ད་ལན་ཉི་འོང་ཕྱིན་ཡིན།།
ཆོས་གྲོགས་སྙིང་པ་ཐུགས་བྱུང་།།
བཀྲ་ཤིས་བདེ་ལེགས་ཟ་ཁང་།།
བཀྲ་ཤིས་ཉིན་མོར་འགྱུར་སོང་།།
བོད་ཀྱི་རིགས་གཞུང་དགའ་བའི།།
ཉི་འོང་མི་བཟང་རྣམ་པ།།
བོད་དང་གྲོགས་པོ་འདོད་ན།།
འཛོམས་ས་བཀྲ་ཤིས་བདེ་ལེགས།།
སྟོན་པ་གཅིག་གི་རྗེས་འཇུག།
དམ་ཚིག་གཅིག་གིས་མདུད་པ།།
ཉི་འོང་སྤུན་ཟླ་རྣམ་པ།།
བཀྲ་ཤིས་དར་གྱིས་བསུ་འོ།།
སླེ་ལུང་པས། 30/06/2018