Back to All Events

Seoul, South Korea


Good bye Korea thank you for days letting me here. Looking forward to meet Taiwanese wonderful friends.
སྔ་དུས་རྒྱལ་བསྟན་ཁྱབ་པའི་ཀོ་རི་ཡ།།
དེང་སང་བསྟན་པ་ཉམས་པའི་ཀོ་རི་ཡ།།
ལས་རླུང་འདེད་ནས་ད་རེར་ལན་གཅིག་སླེབས།།
དགའ་སྐྱོ་ཚོར་བས་ཉིན་འགའ་ཡུད་ཀྱིས་རྫོགས།།

ཆོས་དད་ཅན་གྱི་མི་ལ་ཆོས་ཚུལ་བསྟན།།
ཆོས་རྒྱུད་མཐུན་ལམ་དགོས་པའི་ལམ་སྟོན་ཞུ།།
རྒྱལ་བསྟན་དར་རྒྱས་དགོས་པའི་རྒྱུ་མཚན་བགྲང་།།
རང་ནུས་གང་ལྕོག་དགོན་གྲོང་བདེ་བར་འབུངས།།

རྒྱལ་བའི་བསྟན་པ་རྒྱལ་ན་ཆོས་ལུགས་ཀུན།།
ངང་གི་མཐུན་པར་ཡོང་བ་དོན་མི་ཟ།།
ཐམས་ཅད་ནང་པར་འགྱུར་དགོས་བཀའ་མེད་པའི།།
ཀུན་ལ་འདྲ་མཉམ་བལྟ་བས་བསྟན་པའི་འཕུལ།།

སངས་རྒྱས་རིགས་སུ་སྐྱེས་པའི་ཀོ་རི་ཡ།།
དམ་ཆོས་ལག་པར་ཡོད་པའི་ཀོ་རི་ཡ།།
དགོན་པས་ས་གཞིར་ཁྱབ་པའི་ཀོ་རི་ཡ།།
ནམ་ཡག་གོ་སྐབས་བཟུང་ཞིག་ཀོ་རི་ཡ།།

སླེ་ལུང་པས་ཀོ་རི་ཡའི་གནམ་ཐང་དུ་བྲིས། ཀོ་རི་ཡའི་སྐྱ་སེར་ཐམས་ཅད་བདེ་མོར་བཞུགས།

14/07/2018

37115164_10214746871843004_3993891583199019008_o.jpg

37031830_10214742284248317_8795273087181389824_o.jpg

སོ་སོར་ཐར་པའི་སྡོམ་པ་རས་སུ་བོར།།
ཡ་མ་ཟུང་གི་ཆས་ལུགས་ལུས་སུ་གྱོན།།
གསར་རྙིང་འདྲེས་མའི་ཆོས་ལུགས་བདག་གིར་བྱས།།
སྙིང་པོ་ཡོད་མེད་རང་གི་སེམས་སུ་ལྟོས།།


36782629_10214708121874279_3761395167991431168_o.jpg

བྱིས་པ་དང་བྱིས་པའི་ཕ་མ་རྣམས་ལ་བསླབ་བྱ་གང་ནུས་བྱས་པར་དགའ་ཚོར་ཆེན་པོ་ཐོབ། given talk to children and their parents and all very happy about it. I wish I can do more of this kind where have a lots more problems in east and west countries.


Earlier Event: June 20
Tokyo, Japan
Later Event: July 14
Taipei, Taiwan